杂多新闻网欢迎您!
设为首页 | 加入收藏 | 联系我们
首页 | 杂多要闻 | 玉树要闻 | 民生关注 | 领导活动 | 精神文明 | 通知公告 | 民俗文化 | 杂多概况 | 科学发展 | 综合信息 | 生态旅游
格吉杂多 美景无限 | 杂多视频 | 杂多旅游 | 外媒看杂多
通 告
来源:
发布时间: 2017-05-02 11:50:56
编辑: 杂多新闻网

  སྤྱི་བསྒྲགས།

  སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དེ་དབྱར་རྩྭ་ཐོན་ཁུངས་ས་ཁུལ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱི་ཁེ་དབང་ལ་འགན་སྲུང་བྱ་ཕྱིར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐེན་གྱིས༼དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་བྱ་བར་ཤུགས་སྣོན་དགོས་པའི་བསམ་འཆར༽༼མཚོ་སྲིད་ལས་༢༠༡༤ལོའི་ཡིག་ཨང༢༧པ༽དང་ཡུལ་ཤུལ་ཁུལ་ཨུ། ཁུལ་མི་དམངས་སྲིད་གཞུང་གིས༼མུ་མཐུད་དུ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་བྱ་བར་ཤུགས་སྣོན་དགོས་པའི་བསམ་འཆར༽གྱི་སྙིང་དོན་ལྟར། སྔ་མའི་ལས་དོན་ལ་སྤྤྱི་སྡོམ་དང་ཉམས་མྱོང་བསྡུ་ལེན་བྱས་པའི་རྨང་གཞི་ཐོག་༢༠༡༧ལོར་རྫ་སྟོད་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྔར་བཞིན་ཕྱི་མི་བཀག་འགོག་དང་ནང་མི་གོ་རིམ་ལྡན་པའི་སྒོ་ནས་མངགས་གཏོང་དང་ཁྲིམས་ལྟར་དོ་དམ་བྱེད་ངེས་ཡིན། རྫོང་རིམ་པས་ཞིབ་བཤེར་ལྟ་སྐུལ་དང་ཤང་རིམ་པས་འཛུབ་སྟོན་སྙོམ་འཛིན། སྡེ་བ་རིམ་པས་ལག་ལེན་དངོས་བསྟེར་བྱེད་པའི་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱེད་དེ། ཕྱི་མི་རང་རྫོང་ནང་ཁུལ་ལ་ཡོང་ནས་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་ཡིན།

  ཟླ༥པའི་ཚེས༢ཉིན་ནས་ཚེས༡༥ཉིན་བར། རྫོང་རིམ་པའི་འབྲེལ་གནས་མགོ་ཁྲིད་ཀྱིས་འཆར་འགོད་བྱེད་རྒྱུ་དང་། ཤང་དང་གྲོང་རྡལ་སོ་སོ། སྡེ་ཁུལ་ཁག་གིས་སྣེ་ཁྲིད་དེ་འབྲེལ་ཡོད་ལས་ཁུངས་ཁག་མཐུན་སྦྱོར་བྱས་འོག་ཁྱོན་ཡོངས་ནས་ཕྱི་མི་དག་བཤེར་དང་རང་ཡུལ་ལ་ཕྱིར་ལོག་དགོས་པའི་སློབ་གསོ་གཏོང་བ་དང་འགལ་ཟླ་གཙང་བཤེར་བྱེད་པའི་ལས་དོན་སྒྲུབ་དགོས། ཕྱི་ནང་ངན་འབྲེལ་དང་། ལས་ཁུངས་དང་མི་སྒེར་གྱི་མིང་ཐོག་ནས་དབྱར་རྩྭ་འཚོལ་བསྡུའི་གན་རྒྱ་འཇོག་པ། དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱ་བར་དམིགས་ཡུལ་འཆང་ནས་རང་སྣང་གང་ཤར་གྱིས་ཕྱི་མི་རང་རྫོང་ནང་ཁུལ་དུ་བསུ་འདྲེན་བྱེད་དེ་བསམ་བཞིན་དུ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་སྒྲིག་གཞི་ལ་གཏོར་བརླག་བཏང་ཡོང་ན་ཤང་དང་གྲོང་རྡལ་སོ་སོ་དང་སྡེ་ཁུལ་སོ་སོས་དུས་ཐོག་ཏུ་རྫོང་ཨུའི་སྲིད་ཁྲིམས་ཨུ་ལ་ཡར་ཞུ་བྱེད་དེ་སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་སོགས་ཁྲིམས་སྲིད་ལས་ཁུངས་ཀྱི་ལས་དོན་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཏེ་དེ་རིགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་དགོས། གལ་ཏེ་བཀའ་རྒྱ་ལ་བརྩི་སྲུང་མ་བྱས་ནས་ཕྱི་མི་ནང་འདྲེན་བྱེད་མཁན་གྱི་ཁྲོད་དུ་རང་རྫོང་གི་འབྲོག་དམངས་བྱུང་ན་ཚན་པ་འཛུགས་སྐྲུན་དང་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་ཡོངས་སུ་རྫོགས་པ་མེད་པར་གཏོང་རྒྱུ་ཡིན། གལ་ཏེ་རྒྱལ་ཁབ་ལས་སྒྲུབ་པ་བྱུང་ཚེ་༼ཀྲུང་གོ་གུང་ཁྲང་ཏང་སྲིད་གཙང་སྒྲིག་སྲོལ་ལམ་ལུགས་༽དང་༼ཀྲུང་གོ་གུང་ཁྲང་ཏང་སྒྲིག་ལམ་ཐག་གཅོད་སྲོལ་ཡིག༽སོགས་ཀྱི་གཏན་འབེབ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན། དེ་མ་ཚད་སྤྱི་པའི་རྒྱུ་ནོར་འཕྲོག་བཅོམ་བྱས་པའི་ཉེས་པ་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་ལ། ཤ་ཚ་སྤུ་ཙམ་མེད་པར་འགན་འཁྲི་མི་སྣ་ལ་ཁྲིམས་ལྟར་ཁྲིམས་འགན་འདེད་རྒྱུ་ཡིན། དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དམིགས་ཡུལ་འཛིན་ནས་ཚོང་རའི་ཁྲོད་ངལ་ལས་མི་སྣ་བསྡུ་རུག་བྱེད་པ་ནི་མགོ་སྐོར་དང་འཕྲོག་བཅོམ་གྱི་བྱ་སྤྱོད་ལ་གཏོགས་པས། བཀའ་རྒྱ་ལ་མ་ཉན་ནས་རང་དགར་དུ་རང་རྫོང་ནང་ཁུལ་དུ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱེད་དུ་ཡོང་ན་མཇུག་འབྲས་ཡོད་ཚད་རང་ཉིད་ཀྱིས་འགན་ཁུར་དགོས།

 ཆེད་དུ་སྤྱི་བསྒྲགས་བྱས་པ་ཡིན། 

  རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གིས

  ༢༠༡༧ལོའི་ཟླ༤པའི་ཚེས༢༥ཉིན་བསྒྲགས།

  通 告

  为切实保护好生态环境,维护社会稳定,保障虫草产区牧民群众的权益,根据青海省人民政府办公厅《关于加强冬虫夏草资源保护与管理工作的意见》(青政办〔2014〕27号)和玉树州委、州政府《关于进一步加强虫草采集管理工作的意见》精神,在总结汲取以往工作经验的基础上,2017年杂多县委、县人民政府将继续坚持对外禁采、对内有序流动和依法管理、县级督促检查、乡级指导调控、村级具体管理的工作原则,坚决禁止一切县外人员到本县境内采集虫草。

  5月2日至15日,由县级联点领导部署,由各乡镇、社区牵头,协同联动单位集中开展外来人员全面清查劝返和矛盾纠纷排查工作;对内外勾结、以单位和个人名义签订虫草采集协议,擅自拉运外来人员到我县境内采挖虫草为目的,蓄意破坏虫草采集管理秩序的,要求各乡镇、各社区及时报县委政法委,组织公检法等政法工作力量,发现一起坚决打击一起;对不听劝告私自招揽外来人员采挖虫草行为涉及到牧户的,取消项目建设及相关扶持政策落实资格,涉及到干部层面的严格按照《中国共产党廉洁自律准则》和《中国共产党纪律处分条例》等规定严肃处理,并且以侵占集体财产论处,依法追究责任人法律责任,绝不手软;凡在市场上以虫草采集为由,招揽虫草采集民工的现象都属欺诈行为;对不听劝阻、擅自进入我县境内采集虫草者,所造成的一切损失和后果自负。

  特此通告。

  杂多县人民政府

  2017年4月25日

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
  友情链接  
杂多党建网
玉树新闻网
西宁晚报
青海新闻网
青海法制报
果洛州政府网
新华网青海频道
青海广播电台
青海日报
青海省人民政府网
海东时报
西海都市报
中国藏族网通
青海旅游网
人民网青海频道
青海羚网
青海电视台
主办:中共杂多县委宣传部 技术支持:青海省国际互联网新闻中心